མི་ཚེ་གཞན་ཡུལ་ནས་སྐྱེལ་དགོས་བྱུང་བའི་བོད་པ་ཉམ་ཆུང་ང་ལ་མཚོན་ན། ཆུ་བྱིས་དུས་ནས་ད་བར་ལུས་སེམས་གཉིས་ཀྱི་ཐོག་ཏུ་དཀའ་སྡུག་གང་མང་ཞིག་འཕྲད་དེ་མི་ཚེ་འགྲོ་བཞིན་ཡོད་ལ་ད་དུང་ཡིན་ཡང་དེ་བཞིན་གཞན་ཡུལ་ནས་འདི་ལྟར་སྡོད་དགོས་པ་སྨོས་མེད་དུ་ངེས། དགའ་བའི་གཉེན་ཉེ་དང་སྐྱིད་པའི་ཕ་ས་སོགས་ཡོད་ཚད་བློས་བཏང་གིས་གཞན་ཡུལ་འགྲིམ་དགོས་བྱུང་བ་དངོས་གནས་ཡིན་སྐྱོ་ཞིང་སེམས་ཕབ་པའི་གནས་སུ་གྱུར་འདུག་རུང་བྱ་ཐབ་བྲལ། ངོ་མ་ནམ་ཞིག་ན་ཕ་ཡུལ་གངས་ལྗོངས་སུ་དགའ་སྐྱིད་དང་སྤྲོ་བའི་ངང་འཇིགས་སྣིང་གི་ཚོལ་བ་མེད་པར་བགྲོད་ཐུབ་པའི་དུས་ཞིག་འཆར་ན་བསམ་ནས་སྒུག་ཡོད།
Saturday, October 16, 2010
གཞན་ཡུལ་འགྲིམ་པའི་དགའ་སྐྱོ།
Subscribe to:
Post Comments (Atom)
No comments:
Post a Comment