Popular Posts

Wednesday, November 10, 2010

sershulwa

བརྩེ་བའི་གྲོགས་མཆོག་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།

བརྩེ་བའི་གྲོགས་མཆོག་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ། རང་མི་རིགས་ཀྱི་སྐད་ཡིག་ལ་བདག་གཉེར་དགོས་པ་ང་ཚོའི་མི་རབས་འདིའི་ལས་འགན་ཡིན་པས་སྐུ་ཉིད་ཀྱིས་དེ་དོན་ཐུགས་སུ་འཛིན་པ་དང་རང་རིགས་སྤུན་ཟླ་རྣམས་ལ་བསྐུལ་མ་ངེས་པར་གནང་རོགས་ཞུ།

སེར་ཤུལ་དཀོན་མཆོག་གིས། ཕྱི་གླིང་ནས་ཕྱི་ལོ་ 2010 ཟླ 11་ཚེས་ 4 ལ།

Monday, November 8, 2010

rhymes for learning English

HH Dalai Lama Speech European Parliament (1 of 3)

Tibetan Song Aa Ngon Dra Le

Tibetan Song and Dance of Lithang Part1

སེར་ཤུལ་དཀོན་མཆོག་གིས།

བརྩེ་བའི་གྲོགས་མཆོག་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ། རང་མི་རིགས་ཀྱི་སྐད་ཡིག་ལ་བདག་གཉེར་དགོས་པ་ང་ཚོའི་མི་རབས་འདིའི་ལས་འགན་ཡིན་པས་སྐུ་ཉིད་ཀྱིས་དེ་དོན་ཐུགས་སུ་འཛིན་པ་དང་རང་རིགས་སྤུན་ཟླ་རྣམས་ལ་བསྐུལ་མ་ངེས་པར་གནང་རོགས་ཞུ།

སེར་ཤུལ་དཀོན་མཆོག་གིས། ཕྱི་གླིང་ནས་ཕྱི་ལོ་ 2010 ཟླ 11་ཚེས་ 4 ལ།

Sunday, November 7, 2010

Celebrate 75th Birthday of Dalai Lama

Tibetan song by Dubey

Tashi Mondun by Sherten - New Tibetan Song

Tibetan song by Dubey

Tibetan song by Dubey

Tibetan song:The Sun City-Lhasaལྷ་ས(Drolbe)Amdoབོད钟白 藏歌 安多

Ri Ga

Tibetan Song Trinchok Karpo - Sonam Wangmo

doklhoe by sangtse

Tibetan Song_Ling Gesar's Phasa_SHERTEN

Wednesday, October 20, 2010

གལ་ཆེའི་དྲྭ་གནས་ཁག

བོད་ཕྱི་ནང་གཉིས་སུ་འཚོ་ཞིང་བཞུགས་པའི་ཤ་རུས་མཆེད་ཁུངས་གཅིག་པའི་བོད་མི་སྤུན་ཟླ་རྣམས་ལ་ཞུ་རྒྱུར། ང་ཚོ་དུས་ཀུན་འབྲལ་མེད་ཀྱི་ཤ་རུས་པའི་འབྲེལ་ཐག་ནམ་ཡང་ཆད་མི་སྲིད་པའི་ཕ་མའི་ཟུངས་ཁྲག་གཅིག་པའི་སྤུན་ཟླ་ཡིན་ཕྱིར། དུས་ཀུན་སྐྱིད་སྡུག་འདྲེས་མའི་འཚོ་བ་མཉམ་དུ་སྐྱེལ་བཞིན་ཡོད་ན། དེང་དུས་ཀྱི་ཚན་རྩལ་རིག་པའི་བརྒྱུད་ལམ་འདི་དག་ནི་ཕན་ཚུན་ལ་སེམས་བསམ་པའི་གཏིང་གི་བརྩེ་མཚོན་འབྲེལ་ལམ་བྱ་ཡུལ་གྱི་བསྟི་གནས་ཆེ་ཤོས་ཡིན་ཙང་། ཕྲན་སེར་ཤུལ་བས་འདི་དག་གཤམ་དུ་བཀོད་པས་རྒྱུ་མཚན་དང་མཐུན་པའི་ཐོག་ཕན་ཚུན་དྲྭ་གནས་ཁག་ཏུ་འཛུལ་ཞུགས་དང་འབྲེལ། གངས་ཅན་བོད་མིའི་ཆོས་སྲིད་རིག་གཞུང་དང་བཅས་པར་སྦྱང་བསྡུར་ལྷོད་མེད་གནང་ཞིང་། བརྗོད་དོན་འདྲ་མིན་ཐོག་རྩོམ་ཡིག་སྤེལ་བ་དང་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་ཐོག་ནས་ལེགས་ཉེས་ཀྱི་བྱ་བ་ཅི་རིགས་ལ་ལམ་སྟོན་དང་བསམ་ཚུལ་བགྲོ་གླེང་ལེགས་པོ་ཡོང་བའི་རེ་བ་ཧ་ཅང་ཆེ་ཞུ།

བོད་གཞིས་བྱེས་གཉིས་ཀྱི་དྲྭ་གནས་་གལ་ཆེ་ཁག་ཅིག་གི་ཁ་བྱང་གཤམ་གསལ།

བྱེས་འབྱོར་དྲྭ་གནས་ཁག

རྒྱལ་བ་རིན་པོ་ཆེ། www.gyalwarinpoche.com ༸གོང་ས་མཆོག www.dalailama.com ཀརྨ་པ། www.karmapa.com

བོད་གཞུང་། www.tibet.net ཕ་ཡུལ། www.phayul.com ནོར་ཝེ་རླུང་འཕྲིན་ཁང་། www.vot.org བོད་ཀྱི་བང་ཆེན། www.express.net www.bangchen.net བོད་ཀྱི་དུས་བབ། www.tibettimes.net ཨེ་ཤེའི་ཡང་རང་རླུང་འཕྲིན་ཁང་།www.rfa.org ཨ་རིའི་རླུང་འཕྲིན་ཁང་། http://www.voanews.com/tibetan/news འོད་དཀར་དྲ་ཚིགས། www.dawakarpo.com བོད་གཞུང་དྲྭ་བརྙན། www.tibetonline.tv འགྲོ་བ་མིའི་ཐོབ་ཐང་དྲྭ་གནས། http://www.tchrd.org/ སྨོན་ལམ་བོད་ཡིག་དྲྭ་ཚིགས། www.lobsangmonlam.org བོད་ཀྱི་དྲྭ་མཛོད། www.tibetnetworlk.com ཤམ་བྷ་ལའི་དྲྭ་ཚིགས། www. Shambalapost.com

སེར་ཤུལ་དཀོན་མཆོག་གི་ཟིན་བྲིས། www.sershulwa.blogspot.com

བོད་ནང་གི་དྲྭ་གནས་ཁག་ཅིག

མཚོ་སྔོན་རླུང་འཕྲིན་ཁང་www.qhtb.cn བོད་ལྗོངས་ཆ་འཕྲིནwww.zw.tibet.cn དགེ་སློབ་གླེང་སྟེགས། www.gyelob.net

ཤིན་ཧྭ་བོད་ཡིག་དྲྭ་གནས། www.xizang.news.cn ཎིའུརའདོན། www.yushul414.blogspot.com རྫ་སེར་ཤུལ་དགོན་གྱི་དྲྭ་གནས། www.scsxs.org

Saturday, October 16, 2010

ཕེབས་བསུ་མཚོ་བྱུང་དབྱངས་ཅན་དགྱེས་པའི་འགྱུར་ཁུག

བཀྲ་ཤིས་གཏམ་བཟང་སྙན་མོ་སྒྲོག་པ་དང་།།

བདེ་ལེགས་དགའ་བསུའི་ཐལ་མོ་ལྡེབ་བཞིན་དུ།།

དྲི་མེད་ལྷ་དར་དཀར་པོ་འབུལ་དང་ལྷན།།

བསྟན་པའི་རྩ་ལག་ཆེན་མོར་ཕེབས་བསུ་ཞུ།།

ཐུབ་བསྟན་ཉིན་བྱེད་འོད་སྣང་འབུམ་འཚེར་བའི།།

གང་སྐུ་ལྟ་ལྗང་དབང་པོའི་མདངས་ལྡན་ཅན།།

གསེར་མདོག་ཅོད་པན་འཆང་པའི་གཙུག་གི་ནོར།།

སྐྱབས་མཆོག་མུན་བསལ་སྒྲོན་མེར་ཕེབས་བསུ་ཞུ།།

གངས་ཅན་སཱ་ལའི་མདོ་ཁམས་སེར་ཤུལ་དུ།།

སྐུ་ཡི་མཚན་དཔེའི་མེ་ཏོག་བཞད་པ་དང་།།

རྒྱལ་བསྟན་འཛིན་པའི་ཐུགས་དམ་འགྱུར་མེད་པ།།

ཕན་བདེའི་སྙིང་ནོར་ཆེན་མོར་ཕེབས་བསུ་ཞུ།།

ཁྱོད་སྐུ་པད་མ་དཀར་པོ་བཞད་མ་ཐག།།

རིགས་དྲུག་འགྲོ་བ་ཡོངས་ཀྱི་གཏན་བདེའི་ཆེད།།

ལེ་བར་ཁྲི་འབུམ་བརྒལ་ཏེ་འདིར་ཕེབས་ལ།།

ཟླ་མེད་འགྲོ་བའི་བླ་མར་ཕེབས་བསུ་ཞུ།།

འཕགས་ཡུལ་ཧི་མ་ལ་ཡི་མཛེས་ལྗོངས་ཀྱི།།

ཕྱག་ན་པད་དཀར་འཆང་པའི་རྣམ་རོལ་བ།།

གངས་ཅན་༧སྐྱབས་མགོན་དམ་པའི་བཞུགས་གནས་འདིར།།

ཁྱོད་སྐུ་ཉི་གཞོན་དབང་པོར་ཕེབས་བསུ་ཞུ།།

ལྷོ་ཡི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་དུ།།

སེར་བྱེས་མཁས་སྙན་བྱེས་བའི་གྲྭ་ཚང་ཆེར།།

ནང་བསྟན་འཆད་དང་རྩོད་དང་རྩོམ་པའི་སར།།

མཆོག་སྤྲུལ་རིག་པའི་དཔའ་བོར་ཕེབས་བསུ་ཞུ།།

ལུང་རིག་འདབ་བརྒྱ་གྲོལ་བའི་ཆོས་སྡེ་དེར།།

གངས་ཅན་མཁས་པའི་ཁྱུ་མཆོག་རྣམ་པར་བཀྲ།།

བཀའ་ཌརམས་དགེ་བའི་བཤེས་ཀྱི་འབྱུང་གནས་ཆེར།།

ལུང་རིག་དེད་དཔོན་ཆེན་པོར་ཕེབས་བསུ་ཞུ།།

གྲངས་མེད་བསྐལ་བའི་དུས་ཀྱི་སྔ་རོལ་ནས།།

འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས།།

གླིང་འདིའི་མཁས་པའི་ཡང་རྩེར་འཕགས་པ་ལྟར།།

བསྟན་པའི་གཙུག་རྒྱན་ཁྱོད་ཀྱང་དེ་བཞིན་སྨོན།།

བསྟན་འཛིན་སྐྱེས་བུའི་མཛད་འཕྲིན་འོད་སྟོང་གིས།།

རབ་འབྱམས་རྒྱལ་བའི་གཞུང་པོད་ནོར་བུའི་མཛོད།།

གསལ་བར་རྟོགས་པའི་འཕྲིན་ལས་དབྱེར་མེད་པའི།།

བཀའ་བསྟན་མཐའ་ཡས་རྒྱ་མཚོར་མཐར་སོན་ཤོག།།

ཆུང་སྲིད་ནམ་མཁའི་ནོར་བུ་འོད་སྟོང་ཅན།།

ཞབས་སོར་བཀྲ་ཤིས་རི་མོ་འདིར་འཁོད་ལ།།

སོག་པན་སེར་པོ་ཤུལ་གྱི་གྲལ་མཐའ་བ།།

དཀོན་མཆོག་རིག་པའི་བཟང་པོས་ཕུལ་བ་དགེ།།

གངས་ཅན་མགོན་པོའི་བཞུགས་གནས་དྷ་རམ་ས་ཡི་དགའ་ཚལ་ནས། སྤྱི་ལོ་ ༢༠༠༥ ཟླ་ ༠༩ ཚེས་ ༢༠ ཉིན་བྲིས་སོ།།

གཞན་ཡུལ་འགྲིམ་པའི་དགའ་སྐྱོ།

མི་ཚེ་གཞན་ཡུལ་ནས་སྐྱེལ་དགོས་བྱུང་བའི་བོད་པ་ཉམ་ཆུང་ང་ལ་མཚོན་ན། ཆུ་བྱིས་དུས་ནས་ད་བར་ལུས་སེམས་གཉིས་ཀྱི་ཐོག་ཏུ་དཀའ་སྡུག་གང་མང་ཞིག་འཕྲད་དེ་མི་ཚེ་འགྲོ་བཞིན་ཡོད་ལ་ད་དུང་ཡིན་ཡང་དེ་བཞིན་གཞན་ཡུལ་ནས་འདི་ལྟར་སྡོད་དགོས་པ་སྨོས་མེད་དུ་ངེས། དགའ་བའི་གཉེན་ཉེ་དང་སྐྱིད་པའི་ཕ་ས་སོགས་ཡོད་ཚད་བློས་བཏང་གིས་གཞན་ཡུལ་འགྲིམ་དགོས་བྱུང་བ་དངོས་གནས་ཡིན་སྐྱོ་ཞིང་སེམས་ཕབ་པའི་གནས་སུ་གྱུར་འདུག་རུང་བྱ་ཐབ་བྲལ། ངོ་མ་ནམ་ཞིག་ན་ཕ་ཡུལ་གངས་ལྗོངས་སུ་དགའ་སྐྱིད་དང་སྤྲོ་བའི་ངང་འཇིགས་སྣིང་གི་ཚོལ་བ་མེད་པར་བགྲོད་ཐུབ་པའི་དུས་ཞིག་འཆར་ན་བསམ་ནས་སྒུག་ཡོད།